ཀེ་ན་ཌ་ལུ་ དམག་སྤྱི་ཨམ་སྲུ་དང་པ།

རོའི་ཊརཛ།
སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཀེ་ན་ཌ་ལུ་ དམག་སྤྱི་ཨམ་ཇེ་ནི་ ཀ་རིག་ནཱན་དེ་ དམག་སྡེའི་སྲུང་སྐྱོབ་གཙོ་འཛིན་སྦེ་ བསྐོ་བཞག་འབད་བའི་ རྟེན་འབྲེལ་བརྩིས་ཡོདཔ་ད་ ཨམ་ཇེ་ནི་དེ་ དྲག་པོའི་བཟོ་རིག་འགོ་དཔོན་སྦེ་ སྦྱོང་བརྡར་ཚུ་འབད་བའི་ཤུལ་ལས་ ལོ་ངོ་ ༣༥ གི་རིང་ལུ་ ཨཱཕ་གྷ་ནིཛ་ཏཱན་དང་ བོཛ་ནི་ཡ་ ཨི་རག་ དེ་ལས་ སི་རི་ཡ་ཚུ་ནང་ དམག་སྡེའི་འགོ་དཔོན་སྦེ་ ཕྱག་ཞུ་ནུག།
དེ་ཡང་ ཨོ་ཊ་ཝ་ལུ་ ཀེ་ན་ཌའི་ དམག་འཁྲུག་འགྲེམ་སྟོན་ཁང་ནང་ རྟེན་འབྲེལ་བརྩི་བའི་སྐབས་ལུ་ ཨམ་ཇེ་ནི་གིས་ དེ་བཟུམ་མའི་ ལཱ་འགན་འབག་ནི་ལུ་ གྲ་སྒྲིག་ཡོད་ལུགས་ཚུ་ བཤད་ཡོདཔ་ད་ ད་རེས་ ཡུ་ཀེ་རེན་དང་ འཛམ་གླིང་ཤར་དབུས་ཀྱི་ དམག་འཁྲུག་དང་ འཛམ་གླིང་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ དཀའ་ངལ་ལ་སོགས་པ་ཚུ་དང་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ དམངས་གཙོའི་རིང་ལུགས་ལུ་ ཉེན་ཁ་ཚུ་གིས་ དོ་འགྲན་ལེ་ཤ་ཅིག་ཡོད་མི་ཚུ་ བདེ་སྒྲིག་དང་ གདོང་ལན་འབད་དགོ་པའི་ གཞི་གནས་ལུ་འགྱུར་ཏེ་ཡོད་ཟེརཨིན་པས།
དམག་སྤྱི་ཀ་རིག་ནཱན་གྱིས་ དམག་སྤྱི་བགྲེསཔ་ ཝཱེན་ཨ་ཡར་ལས་ རྩིས་ལེན་ཡོདཔ་ད་ དེ་ཡང་ ཀེ་ན་ཌ་གིས་ སྲུང་སྐྱོབ་མ་དངུལ་ཚུ་ ཡར་སེང་འབད་ནི་གི་ དམིགས་གཏད་བསྐྱེད་དོ་ཡོད་པའི་ གནས་སྟངས་ནང་ ཀ་རིག་ནཱན་དེ་ དམག་སྤྱི་སྦེ་ བསྐོ་བཞག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: