
དེ་ཚེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ གྱི་ཉིན་མར་ ཐིམ་ཕུ་བདེ་ཆེན་ཆོས་གླིང་ལུ་ ཆུ་རུད་ཐོན་མིའི་སྐོར་ལས་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བ་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཆུ་རུད་དེ་ གཙོ་བོ་ར་ གློག་ཆར་ལུ་བརྟེན་ཏེ་ བྱུང་བྱུངམ་བཟུམ་ཅིག་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་མའི་ གློག་ཆར་དེ་ སྤྱིར་བཏང་ལུ་ གནམ་བྱཱར་དང་ སེར་ཁ་ལུ་ རྐྱབ་སྲོལ་ཡོད་མི་དེ་ཡང་ རློན་གཤེར་དང་ གནམ་ཐོག་རྒྱུན་བརྟན་མེདཔ་ དེ་ལས་ རླུང་མ་ཡར་འཐུ་མི་ཚུ་ གཅིག་ཁར་སྦྱོར་མི་ལུ་བརྟེན་ཏེ་ བྱུང་དོ་ཡོདཔ་སྦེ་བཀོད་ནུག།
དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ ས་གཏེར་དང་ རྡོ་གཏེར་ལས་ཁུངས་དང་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ ཐབས་རིག་སྡེ་ཚན་ཅིག་གིས་ ཆུ་རུད་ཐོན་མི་ ཆུའི་རྐ་འགོ་ཚུ་ འཕྲུལ་སྐར་ཐོག་གི་ དཔར་རིས་ཚུ་ལུ་ བརྟག་དཔྱད་འབདཝ་ད་ ནམ་རྒྱུན་གྱི་ གློག་ཆར་དེ་ གློ་བུར་དུ་ བབས་ཡོད་པའི་ མངོན་གསལ་བྱུང་ཡོདཔ་སྦེ་ཨིན་པས།
ཆུ་རུད་དེ་ དང་པ་ར་ གཡས་ཕྱོགས་ཀྱི་ རོང་ཆུ་ལས་ ཐོན་པའི་ཤུལ་ལུ་ དེ་གི་འོག་ལས་མར་ ས་རུད་ཆད་དེ་ རོང་ཆུའི་བརྒྱུད་ལམ་ བསུབ་པའི་གུ་ བདེ་ཆེན་ཕུག་ལྷ་ཁང་གི་ གཡོན་ཕྱོགས་ལས་འབབ་མི་ རོང་ཆུ་དང་ གཙང་ཆུ་ཚུ་ འཛོམས་ས་ལས་ཡང་ ཆུ་སྦོམ་ཐལ་ཡོདཔ་སྦེ་བཀོད་ནུག།
དེ་མ་ཚད་ དབྱེ་ཞིབ་སྡེ་ཚན་གྱིས་ གནས་སྐབས་ཀྱི་ ཆུ་བཀག་བཟོ་མི་དང་ རག་རོ་ཚུ་གིས་ གཙང་ཆུ་ལུ་འགྱོ་མི་ རྒྱུན་ལམ་ཚུ་ བསུབ་ནི་དེ་གིས་ཡང་ ཆུ་རུད་ཐོན་ཡོདཔ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།





Users Today : 903
Users Yesterday : 6933
This Month : 65272
This Year : 294113
Total Users : 1005929
Views Today : 8100
Total views : 2924517
Who's Online : 11