མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལུ་ ཨེ་ཤི་ཡའི་ མཛུམ་ཟེར་གྱི་ གཟེངས་བསྟོད་རྟགསམ།

པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ སིངྒ་པོར་ལུ་སྦེ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལུ་ ཨེ་ཤི་ཡའི་ མཁྱེན་སྤྱན་ཡངས་པའི་ སྦྱིན་པའི་བདག་མོའི་ མཛུམ་ཟེར་གྱི་ གཟེངས་བསྟོད་རྟགས་མ་ཕུལ་ནུག།
དེ་ཡང་ མི་དབང་རྒྱལ་ཡུམ་མཆོག་གིས་ ཏཱ་ར་ཡ་ན་ གཞི་ཚོགས་དང་ ཨེ་ཤི་ཡའི་ མཛུམ་ཟེར་བརྒྱུད་དེ་ འབྲུག་མི་སྟོང་ཕྲག་ལས་བཅད་མི་ཚུ་གི་ འཚོ་བའི་གནས་སྟངས་ གཞི་བསྒྱུར་མཛད་གནང་ཡོད་པའི་ ངོས་ལེན་ལུ་ཨིན་པས།
ཨེ་ཤི་ཡའི་ མཛུམ་ཟེར་གྱིས་ ཏཱ་ར་ཡ་ན་ གཞི་ཚོགས་བརྒྱུད་དེ་ འབྲུག་ལུ་ སྨན་བཅོས་ཀྱི་ ལས་རིམ་ཁག་ ༦ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་དེ་ཚུ་གིས་ ཨ་ལོ་ ༥༠༤ ཡོངས་རྫོགས་ཅན་སྦེ་ དབྱེ་ཞིབ་འབད་དེ་ ཨ་ལོ་ ༢༣༡ གི་ འཚོ་བའི་གནས་སྟངས་ཀྱི་ གཤག་བཅོས་ཚུ་ཡང་འབད་ནུག།
རྟགས་མ་དེ་ སིངྒ་པོར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཝི་ཝི་ཡཱན་ བ་ལ་ཀིཤ་ནཱན་གྱིས་ ཕུལ་ཡོདཔ་ད་ མཛད་སྒོའི་ལས་རིམ་དེ་ནང་ ཨེ་ཤི་ཡའི་ མཛུམ་ཟེར་གྱི་ མཉམ་རོགས་ཚུ་དང་ ཆེ་མཐོའི་འགོ་དཔོན་ཚུ་ དེ་ལས་ རྒྱལ་ཁབ་སོ་སོའི་ གཞུང་ཚབ་ཚུ་དང་ བཀོད་ཚོགས་འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
དེ་བསྒང་ མི་དབང་རྒྱལ་ཡུམ་མཆོག་གི་ ཕྱག་ཞུ་སྟེ་ མཐའ་ཡས་ལེན་དང་ སིངྒ་པོར་ལུ་ འབྲུག་གི་གཞུང་ཚབ་དང་ གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ དེ་ལས་ བཀོད་ཚོགས་ཀྱི་ འཐུས་མི་ཚུ་ཡང་ སོང་ཡོད་པའི་གནས་ཚུལ།

Please follow and like us: