
སི་ཨེན་ཨེན།
སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ ཨིཛ་རེལ་གྱི་ དྲག་པོའི་དམག་སྡེ་གིས་ ལྷོ་ཕྱོགས་ག་ཟ་ལུ་ཡོད་མི་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ ས་གནས་གཞན་ཁར་ སྤོ་འགྱོ་དགོ་པའི་ བཀོད་རྒྱ་བཏང་ཡོདཔ་ལས་ པེ་ལིཛ་ཊིན་གྱི་ མི་སེར་སྟོང་ཕྲག་ལས་བཅད་དེ་ འབྱོག་འགྱོ་དོ་ཡོདཔ་ཨིན་པས།
དེ་ཡང་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ སྣུམ་འཁོར་དང་ ཤིང་རྟ་འཁོར་ལོ་ཚུ་ ལག་ལེན་ཐོག་ལས་ ག་ཟའི་ཁྲོམ་ཚོགས་ དི་ཡིར་ཨཱལ་བ་ལྷ་ཟེར་ས་ལས་ འཐོན་འགྱོ་དོ་ཡོད་པའི་ཁར་ རྐང་ཐང་སྦེ་ འགྱོ་མི་ཡང་ ལེ་ཤ་ཅིག་ཡོདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ རྒུད་གསོའི་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ག་ཟ་ཁྲོམ་ཚོགས་ཀྱི་ ས་ཁོངས་བརྒྱ་ཆ་ ༨༤ དེ་ཅིག་ལུ་ ཨིནཛ་རེལ་གྱིས་ སྡོད་གནས་སྤོ་དགོ་པའི་ བཀོད་རྒྱ་གིས་ གང་ནུག་ཟེར་ཨིན་པས།
དེ་མ་ཚད་ འདས་པའི་ཟླཝ་ནང་ཡང་ ག་ཟ་ལུ་ འགྲོ་བ་མིའི་གྲོགས་རམ་ཐོབ་མིའི་ ཚད་གཞི་དེ་ བརྒྱ་ཆ་ ༣༨ དེ་ཅིག་ མར་ཕབ་འབད་ཡོདཔ་ད་ ད་རེས་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ གནས་སྤོ་འགྱོ་མི་ཚུ་ ཐབས་སྡུག་པའི་ཤུགས་ཀྱིས་ འཛམ་གླིང་སྤྱི་ཚོགས་ཀྱི་ གྲོགས་རམ་བཟའ་ཆས་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་གུ་ ག་ཐོབ་རྐྱབ་སྟེ་ གྲོགས་རམ་གྱི་ ཕད་ཅུང་ཚུ་ འཐུ་འབག་དོ་ཡོདཔ་ཨིན་པས།
ཁོང་ལ་ལོ་ཅིག་ སྡོད་གནས་སྤོ་བཤུད་ ལོག་ཅིང་ར་འབད་དགོཔ་ ཐོན་ཡོདཔ་ལས་ དེ་བཟུམ་མའི་ ངེས་མེད་གནས་སྟངས་ནང་ ད་ལས་ཕར་ འབྱོག་འགྱོ་སའི་ ས་གོ་ཡང་ རྫོགས་སོང་ནི་དེ་གིས་ མཐར་ཐུག་ལུ་ ཁོང་ཆ་ཁྱབ་ རྒྱ་མཚོའི་མཐའ་མར་བསྐྱལ་ཏེ་ རྩ་མེད་གཏང་ནི་བཟུམ་ཅིག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 119
Users Yesterday : 4443
This Month : 95006
This Year : 390972
Total Users : 1102788
Views Today : 139
Total views : 3078769
Who's Online : 23