འབྲུག་ལུ་ ལེ་སོ་ཐོའི་ རྒྱལཔོ་མཆོག་གི་གཟིགས་སྐོར།

སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ བཀྲ་ཤིས་ཆོས་རྫོང་ནང་སྦེ་ མི་དབང་རྒྱལཔོ་ ལེ་ཙི་གསུམ་པ་མཆོག་དང་ རྒྱལ་བཙུན་མ་སེ་ནེཊ་ མོ་ཧ་ཊོ་ སི་ཡི་སོ་རྣམ་ ༢ དང་ མཇལ་ཕྲད་མཛད་གནང་ཡི།
ལེ་སོ་ཐོ་ རྒྱལ་ཁབ་ཀྱི་ མི་དབང་རྒྱལཔོ་དང་ རྒྱལ་བཙུན་མཆོག་གི་ ཕྱག་ཞུ་སྟེ་ རྒྱལ་སྲསམོ་མ་སི་ཡི་སོ་ མོ་ཧ་ཊོ་ སི་ཡི་སོ་དང་ རྒྱལ་སྲསམོ་སེ་ནེཊ་ མོ་ཧ་ཊོ་ སི་ཡི་སོ་ ༢ བྱོན་ཡོདཔ་ཨིན་པས།
ལེ་སོ་ཐོའི་ མི་དབང་སྐུ་འཁོར་ཚུ་ འབྲུག་རྒྱལ་ཁབ་ནང་ ཕེབས་པའི་སྐབས་ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ བྱོན་ལེགས་ཞུ་གནང་ཡོདཔ་མ་ཚད་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ རྒྱལ་པོའི་སྐུ་སྲུང་ དེ་ལས་ བདེ་སྲུང་ཚུ་གིས་ མངའ་བདག་སྟི་སྭ་ཡང་ཞུ་ནུག།
ལེ་སོ་ཐོའི་ མི་དབང་རྒྱལཔོ་མཆོག་ མི་དབང་མངའ་བདག་རིན་པོ་མཆོག་གིས་ མགྲོན་བརྡ་གནང་མི་དང་འཁྲིལ་ཏེ་ སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ འབྲུག་རྒྱལ་ཁབ་ནང་ ཉིན་གྲངས་ ༨ ཀྱི་ གཟིགས་སྐོར་ལུ་ ཕེབས་ཡོདཔ་ཨིན་པས།
ལེ་སོ་ཐོ་ རྒྱལ་བརྒྱུད་རྒྱལ་ཁབ་དེ་ ལྷོ་ཨཕ་རི་ཀ་ལུ་ གངས་རི་ཅན་དང་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་ཨིནམ་མ་ཚད་ རང་བཞིན་གྱི་ མཛེས་ཆ་དང་ སྔར་སྲོལ་ལམ་ལུགས་ཀྱི་ ཡོངས་གྲགས་ཡོད་མི་ རྒྱལ་ཁབ་ཅིག་ཡང་ཨིན་པའི་གནས་ཚུལ།

Please follow and like us: