
རང་ཟླ་ ༡༡ པའི་ཚེས་ ༣ སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་ ༡༠ པ་དེ་ བསམ་གྲུབ་ལྗོངས་མཁར་ སློབ་གྲྭ་བར་མའི་ རྩེད་ཐང་ནང་སྦེ་ འགོ་བཙུགས་ནུག།
དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ གྲྭ་ཚང་དང་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་ བླ་སློབ་དང་ དགེ་སློང་ མ་ཎེམོ་ ༦༥༠ དེ་ཅིག་གིས་ གནང་དོ་ཡོདཔ་མ་ཚད་ དད་ལྡན་མི་སེར་ ༥,༠༠༠ དེ་ཅིག་ཡང་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ འགྲོལ་གནང་ནི་ཨིན་མི་ སྨོན་ལམ་ཆེན་མོ་དེ་ རྫོང་ཁག་དང་ ཁྲོམ་སྡེ་ རྒེད་འོག་ཚུ་དང་ ལས་འཛིན་ཚུ་ལས་ ཞལ་འདེབས་བསྡུ་ལེན་འབད་དེ་ རྫོང་ཁག་དང་ ཁྲོམ་སྡེ་ རྒེད་འོག་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།




Users Today : 1599
Users Yesterday : 1476
This Month : 40112
This Year : 220015
Total Users : 931831
Views Today : 4857
Total views : 2718458
Who's Online : 8