
རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་ སི་རི་ཡའི་ རྒྱལ་ཁབ་ནང་ བ་ཤར་ཨཱལ་ཨ་སཱད་ ཨ་ལ་ཝ་ཡིཊ་ཟེར་མི་ ངོ་རྒོལ་སྡེ་ཚན་གསརཔ་ཅིག་ ཐོན་མི་དང་གཅིག་ཁར་ སི་རི་ཡའི་ སྲུང་སྐྱོབ་དམག་མི་ཚུ་གིས་ ཕྱད་མདའ་རྐྱབ་སྟེ་ ཉིན་གྲངས་ ༣ སོང་ནུག།
ཕྱད་མདའ་དེ་ནང་ སྲུང་སྐྱོབ་དམག་མི་ཚུ་གིས་ མི་ལེ་ཤ་ཅིག་ དམར་བསད་འབད་ཡོདཔ་ལས་ སི་རི་ཡ་འི་ འགྲོ་བ་མིའི་ཐོབ་དབང་ བལྟ་རྟོག་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཉིན་གྲངས་ ༢ ཀྱི་ ནང་འཁོད་ལུ་ར་ སི་རི་ཡའི་ ནུབ་ཕྱོགས་མཚོ་འགྲམ་ལུ་སྡོད་མི་ ཨ་ལ་ཝ་ཡིཊ་མི་རིགས་ནང་ལས་ མི་གྲངས་ ༡༨༠ ལྷགཔ་ཅིག་ དམར་བསད་འབད་ནུག་ཟེར་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ དེ་སྦེ་ དམར་བསད་འབད་མིའི་གྲས་ཁར་ མི་གྲངས་ ༢༤ དེ་ཅིག་ ཕོ་སྐྱེས་ཚུ་ཨིནམ་ད་ དེ་ཡང་ ཨཱལ་མུག་ཏ་རེ་ཡ་ཟེར་མི་ ཨ་ལ་ཝ་ཡིཊ་གི་ ཁྲོམ་ཚོགས་ནང་ དམར་བསད་འབད་ཡོདཔ་སྦེ་བཀོད་ནུག།
གྲོ་བ་མིའི་བལྟ་རྟོག་སྡེ་ཚན་དང་ ཨ་ལ་ཝ་ཡིཊ་ ངོ་རྒོལ་སྡེ་ཚན་གྱི་ འཐུས་མི་ ༢ ཀྱིས་འབད་བ་ཅིན་ ཁོང་ལུ་ ཕྱད་མདའ་དེ་གི་སྐོར་ལས་ བརྙན་ཐུང་ཚུ་ཡོད་ལུགས་ཡང་ བཤད་ཡོདཔ་ཨིན་པས།
སི་རི་ཡའི་ གནས་སྐབས་ཀྱི་སྲིད་འཛིན་ ཨ་ཧ་མེད་ ཨཱལ་ཤ་ར་གིས་ གཞུང་གི་དམག་མི་ཚུ་གིས་ གཞུང་སྐྱོང་ནང་ལས་ ཕྱིར་དབྱུངས་འབད་ཡོད་མི་ བ་ཤར་ཨཱལ་ཨ་སཱད་གཞུང་གི་ ལྷག་ལུས་ཚུ་ འཚོལ་ཞིབ་ཐོག་ལས་ ཁྲིམས་སར་བསྐྱལ་ནི་ཨིནམ་སྦེ་ བཤད་ཡོདཔ་མ་ཚད་ ཞི་བའི་མི་སེར་ལུ་ གནོད་པ་བཀལ་མི་ཚུ་ལུ་ཡང་ འགན་འཁྲི་ཚུ་ བཀལ་ནི་ཨིནམ་སྦེ་བཤད་ནུག། དེ་མ་ཚད་ ཕྱིར་དབྱུངས་འབད་ཡོད་མི་ གཞུང་གི་ལྷག་ལུས་ཚུ་ དྲང་བདེན་གྱི་ ཁྲིམས་སར་བསྐྱལ་ནི་ཨིན་པའི་ཁར་ རྒྱལ་ཁབ་ནང་ གོ་མཚོན་ཚུ་ཡང་ བཀག་དམ་འབད་དེ་ སི་རི་ཡ་ལུ་ གོ་མཚོན་གར་ལྷོད་ འཆང་ནི་མེདཔ་ བཟོ་ནི་ཨིནམ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 185
Users Yesterday : 1351
This Month : 41744
This Year : 221647
Total Users : 933463
Views Today : 474
Total views : 2722981
Who's Online : 8