
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༣ ལུ་ རྒྱ་གར་གྱི་ ཕྱི་འབྲེལ་ཚོང་འབྲེལ་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་གྱི་ ཅ་དངོས་དང་ པ་ཀིཛ་ཏཱན་ལས་ བརྒྱུད་དེ་འོང་མི་ ཅ་དངོས་ཚུ་ག་ར་ ནང་འདྲེན་འབད་ནི་མེདཔ་སྦེ་ བཀག་དམ་འབད་ཡི་ཟེར་ཨིན་པས།
དེ་ཡང་ འདས་པའི་བདུན་ཕྲག་ནང་ ཀཤ་མིར་གྱི་ བལྟ་བཤལ་ས་ཁོངས་ པ་ཧཱལ་གམ་ཟེར་སར་ དོགས་པ་ཅན་གྱི་ གཡིབ་དམག་ཚུ་གིས་ རྒྱ་གར་གྱི་ བལྟ་བཤལཔ་ ༢༦ དམར་བསད་འབད་ཡོདཔ་ལས་ རྒྱལ་ཡོངས་སྲུང་སྐྱོབ་དང་ མི་མང་གི་ ཁེ་ཕན་ལུ་བལྟ་སྟེ་ཨིན་པས།
རྒྱ་གར་གྱིས་ ཀཤ་མིར་ལུ་ བལྟ་བཤལཔ་བསད་མིའི་སྐོར་ལས་ པ་ཀིཛ་ཏཱན་ལུ་ ཉེས་འཛུགས་བཀལ་ཡོད་རུང་ པཱ་ཀིཛ་ཏཱན་གྱིས་ ངོས་ལེན་འབད་མ་བཏུབ་་པར་ཡོདཔ་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ པ་ཀིཛ་ཏཱན་གྱིས་ཡང་ ས་མཚམས་ཚོང་འབྲེལ་ཚུ་ག་ར་ བཀག་དམ་འབད་བའི་ཁར་ པ་ཀིཛ་ཏཱན་གྱི་ མཁའ་དབྱིངས་ལས་ རྒྱ་གར་གྱི་ གནམ་གྲུ་འཕུར་འགྲུལ་ཚུ་ཡང་ བཀག་དམ་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།