
རོའི་ཊརཛ།
སྤྱི་ཟླ་ ༥ པཡི་ཚེས་ ༢༢ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་ གཙང་ཆུའི་ཐོག་ལས་ པ་ཀིཛ་ཏཱན་ལུ་ ཆུ་རྩ་ལས་ར་ བྱིན་དགོཔ་མེད་ཟེར་ཨིནམ་ད་ དེ་ཡང་ ཟླ་ངོ་ ༡ གི་ཧེ་མར་ རྒྱ་གར་གྱི་ ཀཤ་མིར་མངའ་སྡེའི་ནང་ དོགས་པ་ཡོད་མི་ པ་ཀིཛ་ཏཱན་གྱི་ མུཛ་ལིམ་གཡིབ་དམག་ཚུ་གིས་ རྒྱ་གར་གྱི་ ཧིན་དུའི་བལྟ་བཤལཔ་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ དམར་བསད་འབད་བའི་ གནད་ལུ་བརྟེན་ཏེ་ཨིན་པས།
མ་གཞི་ འཛམ་གླིང་དངུལ་ཁང་གིས་ སྤྱི་ལོ་ ༡༩༦༠ ལོར་ རྒྱ་གར་ལས་ པ་ཀིཛ་ཏཱན་ལུ་ གཙང་ཆུ་བགོ་བཤའ་རྐྱབ་སྟེ་ བྱིན་དགོ་པའི་སྐོར་ལས་ གྲོས་བསྟུན་འབད་དེ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཆིངས་ཡིག་ཅིག་ བཟོ་ཡོད་རུང་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ རྒྱ་གར་གྱི་ ཕོ་སྐྱེས་ ༢༦ དམར་འབད་བའི་ ངན་ལན་ལུ་ ཐབས་ལམ་ལེ་ཤ་ཅིག་ སྟོན་པའི་ནང་ལས་ གཙོ་བོ་ར་ ཨིན་དུཛ་གཙང་ཆུ་བགོ་བཤའི་ ཆིངས་ཡིག་དེ་ མཚམས་འཇོག་འབད་ནུག།
པ་ཀིཛ་ཏཱན་གྱིས་ རྒྱབ་སྐྱོར་འབད་མི་ མུཛ་ལིམ་གཡིབ་དམག་ཚུ་གིས་ རྒྱ་གར་གྱི་ བལྟ་བཤལཔ་ཚུ་ དམར་བསད་འབད་བའི་ཤུལ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ དམག་འཁྲུག་ལང་ཡོད་རུང་ སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནིའོ་ གུ་ཊར་རེཛ་གིས་ དམག་སྡེའི་གདོང་ལན་ཚུ་ བཀག་འཛིན་འབད་དགོ་པའི་ ནན་སྐུལ་འབད་བའི་ཁར་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་གསུང་གྲོས་ཚུ་ཡང་ གནང་ཐོག་ལས་ སྤྱི་ཟླ་ ༥ པའི་ཚེས་ ༡༠ ལུ་ མཚམས་འཇོག་འབད་ཡོདཔ་ཨིན་པས།
དེ་ཡང་ བློན་ཆེན་མོ་དི་མཆོག་གིས་ པ་ཀིཛ་ཏཱན་དང་ སམཚམས་ཕོག་མི་ རྒྱ་གར་གྱི་ ནུབ་བྱང་མངའ་སྡེ་ ར་ཇེཛ་ཐཱན་ལུ་ མི་སེར་གྱི་ དུས་སྟོན་ཅིག་ནང་ གསལ་བཤད་གནང་པའི་སྐབས་ལུ་ པ་ཀིཛ་ཏཱན་གྱི་ དྲག་ཐོག་དབང་བཙོང་པ་ཚུ་གིས་ གནོད་འཚུབ་ཚར་རེ་ བཀལ་མི་ལུ་ པ་ཀིཛ་ཏཱན་གྱིས་ གནས་གོང་སྦོམ་སྦེ་ར་ སྤྲོད་དགོ་ཟེར་ཨིནམ་ད་ རྒྱ་གར་གྱི་ གཙང་ཆུ་ ༣ ལས་ པ་ཀིཛ་ཏཱན་ལུ་ ཆུ་བརྒྱ་ཆ་ ༨༠ དེ་ཅིག་ བྱིན་དོ་ཡོདཔ་སྦེ་བཀོད་ནུག།
སྤྱི་ལོ་ ༡༩༤༧ ལོར་ རྒྱ་གར་ལས་ བི་རི་ཊིཤ་ བཏོན་བཏང་པའི་ཤུལ་ལུ་ རྒྱ་གར་དང་ པ་ཀིཛ་ཏཱན་ ༢ ཀྱི་བར་ན་ མཐུན་ལམ་དེ་ དཀའ་ངལ་ཅན་ཅིག་སྦེ་ར་ གནས་ཐོག་ལུ་ དམག་འཁྲུག་ལན་ཐེངས་ ༣ དེ་ཅིག་ཡང་ ལང་ཡོདཔ་ད་ རྒྱ་གར་གྱིས་ པཱ་ཀིཛ་ཏཱན་ལུ་ ཀཤ་མིར་གྱི་ ས་ཁོངས་ནང་ ཉེན་སྲུང་དམག་མི་ཚུ་དང་ འཐབ་འཛིང་འབད་མི་ ཨིཛ་ལམ་མིག་ཚུ་ལུ་ རྒྱབ་སྐྱོར་འབད་བའི་ ཉེས་འཛུགས་བཀལ་ཡོད་རུང་ པཱ་ཀིཛ་ཏཱན་གྱིས་ ངོས་ལེན་འབད་མ་བཏུབ་པས་ཟེར་ བཀོད་འདུག་པའིགནས་ཚུལ།




Users Today : 3027
Users Yesterday : 3320
This Month : 93471
This Year : 389437
Total Users : 1101253
Views Today : 5035
Total views : 3076095
Who's Online : 20