
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་མིའི་ནང་ ནུབམོ་གཅིག་ལུ་ར་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ མི་གྲངས་ ༡༤ དམར་བསད་འབད་བའི་ཁར་ མི་གྲངས་ ༤༤ ལུ་ཡང་ རྨ་སྐྱོན་ཚུ་ བྱུང་ནུག་ཟེར་ཨིན་པས།
དེ་ཡང་ ར་ཤི་ཡ་གིས་ ཛ་ཡེལ་དང་ ཌཱོན་ཚུ་ ལག་ལེན་འཐབ་སྟེ་ ཀི་ཡིབ་ཁྲོམ་ཚོགས་ཀྱི་ ས་ཁོངས་ཁག་ ༢༧ གྱི་ནང་ གནོད་འཚུབ་བཀལ་ཏེ་ སྡོད་ཁྱིམ་དང་ སློབ་གྲྭ་ དེ་ལས་ གནད་འགག་ཆེ་བའི་ གཞི་རྟེན་མཁོ་ཆས་གཞན་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ ས་གནས་ཨོ་དེ་ས་དང་ ཅེར་ནི་ཧིབ་ཚུ་གི་ནང་ཡང་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༦ དམར་བསད་འབད་ཡོདཔ་སྦེ་བཀོད་ནུག།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་གིས་འབད་བ་ཅིན་ རི་ཤི་ཡ་གིས་ ཌྲཱོན་ ༤༤༠ ལྷགཔ་ཅིག་དང་ མི་ཛ་ཡེལ་ ༣༢ དེ་ཅིག་གི་ཐོག་ལས་ གནོད་འཚུབ་བཀལ་ཡི་ཟེར་ཨིནམ་ད་ ཀི་ཡིབ་ཁྲོམ་ཚོགས་ཀྱི་གཙོ་འཛིན་ བི་ཏ་ལི་ཀི་ལི་ཤེ་ཀོ་གིས་ སོ་ལོ་མིཛ་ཀི་ མངའ་སྡེའི་ནང་ ཡུ་ཨེཛ་གི་ མི་ཁུངས་ ༡ ཡང་ ཨིཛ་རེལ་གྱིས་ དམར་བསད་འབད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ར་ཤི་ཡའི་ ས་ཁོངས་ནང་ཡང་ ཡུ་ཀེ་རེན་གྱིས་ ཌྲཱོན་ ༡༤༧ ཕབ་བཏང་ཡོདཔ་ད་ ཌྲཱོན་དེ་ཚུ་ཡང་ ནུབམོ་གཅིག་ནང་ མོཛ་ཀོ་གིས་གཙོས་པའི་ ས་གནས་ཁག་མ་འདྲཝ་ཚུ་ནང་ མེདཔ་བཏང་ཡོདཔ་སྦེ་བཤད་ནུག།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཛེ་ལེནཛ་ཀི་གིས་ ཨཱཛ་ཊྲི་ཡའི་སྲིད་འཛིན་ ཨ་ལེག་སཱན་ཌར་ བེན་ཌར་བེ་ལེན་དང་ མཇལ་ཕྲད་མཛད་དེ་ དྲག་དམག་དང་འབྲེལ་བ་མེད་པའི་ གྲོགས་རམ་ཚུ་གི་དོན་ལུ་ གསུང་གྲོས་གནང་ཡོདཔ་མ་ཚད་ ས་དོང་ནང་ སྦ་བཞག་མི་ རྫས་བམ་ཕྱིར་བཏོན་འབད་ནི་དང་ ནུས་ཤུགས་ཡོངས་འབྲེལ་ ཉེན་སྲུང་ཚུ་གི་དོན་ལུ་ ཆིངས་ཡིག་ཚུ་ཡང་ བཟོ་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ དམག་མི་དམར་བསད་འབད་ཡོད་མིའི་ ཕུངམོ་ ༡,༢༤༥ ཡུ་ཀེ་རེན་ལུ་ རྩིས་སྤྲོད་ཡོདཔ་སྦེ་ སླབ་ཡོད་རུང་ ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་གིས་འབད་བ་ཅིན་ ཕུངམོ་ ༡,༢༤༨ རྩིས་སྤྲོད་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433168
Views Today :
Total views : 5000
Who's Online :