
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ པེ་ལིཛ་ཊིན་ ག་ཟ་ཁྲོམ་ཚོགས་ཀྱི་ ལྷོ་ཕྱོགས་ས་ཁོངས་ ཁཱན་ཡུ་ནིཛ་ལུ་ཡོད་མི་ ན་སར་སྨན་ཁང་ནང་ ཨིཛ་རེལ་གྱིས་ གནོད་འཚུབ་ལན་ཐེངས་ ༢ རེ་བཀལ་ཏེ་ རྒྱལ་སྤྱིའི་གནས་ཚུལ་བསྡུ་བཀོདཔ་ ༥ བརྩིས་ཏེ་ མི་གྲངས་ ༢༠ དེ་ཅིག་ དམར་བསད་འབད་ཡོདཔ་སྦེ་ ཧ་མཱཛ་གིས་ འཛིན་སྐྱོང་འཐབ་མི་ མངའ་ཁོངས་གསོ་བའི་ལྷན་ཁག་ལས་ གསལ་བཤད་འབད་ནུག།
དེ་ཡང་ གནས་ཚུལ་བསྡུ་བཀོད་པ་ཚུ་གིས་ རོའི་ཊརཛ་དང་ ཨེ་པི་ ཨཱལ་ཇ་ཟི་ར་ དེ་ལས་ མི་ཌལ་ཨིཛ་ཨའི་ཚུ་དང་གཅིག་ཁར་ ལཱ་འབད་ཡོདཔ་སྦེ་ གནས་ཚུལ་ལས་ཁང་ཚུ་གིས་ གཏན་འཁེལ་འབད་ཡོདཔ་ད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ གཙོ་འཛིན་གྱིས་ཡང་ གསོ་བའི་ལས་བྱེདཔ་ ༤ དམར་བསད་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ཡང་ ཨུཛ་རེལ་གྱིས་ ག་ཟ་ཁྲོམ་གྱི་ ཨཱལ་ཤི་ཕ་ སྨན་ཁང་གི་ཉེ་འདབས་ལུ་ གནོད་འཚུབ་བཀལ་ཏེ་ ཨཱལ་ཇ་ཟི་རའི་ གནས་ཚུལ་བསྡུ་བཀོད་པ་ ༤ བརྩིས་ཏེ་ གནས་ཚུལ་བསྡུ་བཀོད་པ་ ༦ དམར་བསད་འབད་ནུག།
ག་ཟ་གསོ་བའི་ལྷན་ཁག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཐོག་ལས་ དམར་བསད་འབད་མི་ ཕུངམོ་ ༥༨ ག་ཟའི་སྨན་ཁང་ཚུ་ནང་ ལྷོད་ཡོདཔ་མ་ཚད་ ཕུངམོ་གཞན་ཚུ་ཡང་ སྒྲིང་ཁྱིམ་ཧྲམ་བཏང་མིའི་འོག་ལས་ བཏོན་མ་ཚུགས་པར་ཡོད་ཟེར་ཨིན་པས།
ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏེན་ཡ་ཧུ་གིས་ བྱུང་རྐྱེན་དེ་ མྱ་ངན་ཅན་ཅིག་ཨིནམ་ལས་ དམག་སྡེའི་དབང་འཛིན་ཚུ་གིས་ ཞིབ་དཔྱད་མཐིལ་ཕྱིན་འབད་དོ་ཟེར་ཨིནམ་ད་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ནང་ ག་ཟ་ལུ་ དམག་འཁྲུག་འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ གནས་ཚུལ་བསྡུ་བཀོད་པ་ ༢༠༠ དེ་ཅིག་དང་ ཨ་ལོ་ ༡༡༧ བརྩིས་ཏེ་ མི་གྲངས་ ༣༠༠ དེ་ཅིག་ དམར་བསད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།