བརྒྱུད་འཕྲིན་: ༣༣༣༡༨༣ འགྲེམ་སྒྲོམ་ཨང་: ༣༤༣ ཐིམ་ཕུ།

རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལས་ དུས་ཡུན་ཆུ་ཚོད་ ༢༤ གི་རིང་ལུ་ རྒྱལ་སྤྱིའི་སྒོ་ར་ཚུ་ སྒོ་བསྡམ་ནི།

སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ལྷོ་ཕྱོགས་ཁ་ཐུག་གི་ རྒྱལ་སྤྱིའི་སྒོ་ར་ཚུ་ སྒོ་བསྡམ་ནི་ཨིན་ཟེར་ ནང་སྲིད་ལྷན་ཁག་ བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱིས་ གསལ་བསྒྲགས་འབདཝ་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ཕྱི་རོའི་ཆུ་ཚོད་ ༦ ལས་ སྤྱི་ཟླ་…

འཕྲོ་མཐུད།

སྲིད་དོན་ཚོགས་པ་ག་ར་གིས་ འགོ་ཐོག་བཙག་འཐུའི་ནང་ལས་ མཐར་འཁྱོལ་འབྱུང་པའི་རེ་འདུན།

བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་ འབྲུག་མཐུན་འབྲེལ་ཚོགས་པ་ འབྲུག་མི་སེར་དམངས་གཙོའི་ཚོགས་པ་འབདཝ་ད་ སྲིད་དོན་ཚོགས་པ་ ༥ ག་ར་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ འགོ་ཐོག་བཙུག་འཐུའི་ནང་ལས་ མཐར་འཁྱོལ་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མི་སེར་དམངས་གཙོའི་ཚོགས་པ་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ སྲིད་ཚོགས་རྙིངམ་ཚུ་ལུ་ གོ་སྐབས་མངམོ་ཡོད་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ཨིནམ་ད་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་…

འཕྲོ་མཐུད།

གཞུང་དབང་ལས་འཛིན་ཚུ་ལུ་ དངུལ་ཕོགས་བརྒྱ་ཆ་ ༤༦ ལས་ ༧༢ ཀྱི་བར་ན་ཡར་སེང་།

དངུལ་རྩིས་ལྷན་ཁག་གི་ གསལ་བསྒྲགས་དང་འཁྲིལཝ་ད་ གཞུང་དབང་ལས༌འཛིན༌ཚུ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ གཏན་འཇགས་ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་དེ་ རང་སོའི་དངུལ་ཕོགས་ཚད་གཞི་ དམའ་མཐའ་གུ་ བརྒྱ་ཆ་ ༤༦ ལས་ བརྒྱ་ཆ་ ༧༢ ཀྱི་བར་ན་ འཐོབ་ནི་ཧིནམ་ད་ དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ འགོ་བཙུགས་ཏེ་ འཐོབ་ནི་ཨིན་པས།མ་གཞི་ དངུལ་རྩིས་ལྷན་ཁག་ལས་…

འཕྲོ་མཐུད།

རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བྱ་ངན་དང་འབྲེལ་བའི་ དབྱེ་ཞིབ་ཀྱི་དོན་ལས་ ཚན་རིག་བརྟག་དཔྱད་ཁང་སྒོ་འབྱེད།

གནམ་ལོ་ཆུ་ཡོས་ཟླཝ་ ༡༠ པའི་ཚེས་ ༡༠ སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ ཁྲིམས་འགལ་གྱི་ བྱ་ངན་དང་འབྲེལ་བའི་ དབྱེ་ཞིབ་མཐིལ་ཕྱིན་གྱི་དོན་ལས་ ཐིམ་ཕུ་གསར་སྦིས་ཐང་ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཚན་རིག་བརྟག་དཔྱད་ཁང་གསརཔ་ཅིག་ སྒོ་འབྱེད་འབད་ནུག།དེ་སྦེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་ འཆི་མེད་རྡོ་རྗེ་དང་ འབྲུག་ལུ་ ཨཱཛ་ཊི་ཡའི་གཞུང་ཚབ་ ཀེ་ཐ་རི་ན་ ཝི་སར་ ༢ ཀྱིས་…

འཕྲོ་མཐུད།

གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ འབྲུག་ལུ་ བང་ལ་དེཤ་གི་ གཞུང་ཚབ་ དང་མཇལ་ཕྲད།

སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ བློན་ཆེན་གྱི་ ཡིག་ཚང་ནང་སྦེ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཆོས་རྒྱལ་དར་མགོ་རིག་འཛིན་གྱིས་ འབྲུག་ལུ་ བང་ལ་དེཤ་གི་གཞུང་ཚབ་ ཤིབ་ནཋ་རོའི་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ འབྲུག་དང་ བང་ལ་དེཤ་ རྒྱལ་ཁབ་ ༢ ཀྱི་ ཕན་ཚུན་མཐའ་དོན་དང་ མཉམ་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

འཕྲོ་མཐུད།

སྤ་རོ་རྒྱལ་གཞུང་འགག་སྡེ་གིས་ སྨྱོ་རྫས་དང་འབྲེལ་བའི་འཛིན་བཟུང་།

སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ སྤ་རོ་རྒྱལ་གཞུང་འགག་སྡེ་གིས་ གལ་གནད་ཆེ་བའི་ བརྡ་དོན་ལུ་ མགྱོགས་ཤུགས་ཀྱི་ ངོས་ལེན་ཐོག་ སྤ་རོ་དོབ་ཤར་རི་ བྱང་ས་ལས་ སྐྱེས་ལོ་ ༢༦ འབད་མི་ ཟླ་བ་རྒྱལ་མཚན་དང་ སྐྱེས་ལོ་ ༢༨ འབད་མི་ ཨམ་སྲུ་པདྨ་ ༢ སྨྱོ་རྫས་ནག་ཚོང་ནང་ འབྲེལ་གཏོགས་ཡོད་པའི་ དོགས་ཟོན་ཐོག་ལུ་…

འཕྲོ་མཐུད།

འབྲུག་གི་ལམ་སྲོལ་སྡེ་ཚན་གྱིས་ རྒྱལ་སྤྱི་སྙན་ཆའི་ དུས་སྟོན་ནང་གྲལ་གཏོགས།

རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་ལས་ འཐུས་མི་ ༡༩ འབད༌མི་ ལམ་སྲོལ་སྡེ་ཚན་ཅིག་གིས་ སུ༌ཡིཊ་ཛར་ལེན་ལུ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལས་ ༡༩ ཚུན་ འགོ་འདྲེན་འཐབ་མི་ རྒྱལ་སྤྱི་སྙན་ཆའི་ དུས་སྟོན་ནང་ གྲལ་གཏོགས་འབད་ནུག། དེ་ཡང༌ ཡར་འཕེལ་ལམ་ལུགས་མ་འདྲ་བའི་ སྙན་ཆའི་འབྱུང་ཁུངས་ཚུ་དང་འབྲེལ་བའི་ ཁྱད་ཆོས་ཅན་གྱི་ དུས་སྟོན་ཅིག་ཨིནམ༌ད༌དུས༌སྟོན༌དེ༌ནང༌ རྒྱལ་ཁབ༌༦གིས་ བཅའ་མར་གཏོགས་ཏེ༌…

འཕྲོ་མཐུད།

གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ ཡུ་ནི་སེཕ་ ལུང་ཕྱོགས་ཡིག་ཚང་གི་མདོ་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལུ་ བློན་ཆེན་གྱི་ ཡིག་ཚང་ནང་སྦེ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ ལྷོ་ཨེ་ཤི་ཡའི་དོན་ལས་ ཡུ་ནི་སེཕ་ ལུང་ཕྱོགས་ཡིག་ཚང་གི་མདོ་ཆེན་ སཱན་ཇེ་ཝི་ཇེ་སི་ཀེ་ར་དང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས། ལུང་ཕྱོགས་མདོ་ཆེན་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལས་ ༢༢ ཚུན་ རྒྱལ་ཁབ་ནང་ བཞུགས་རིང་ལུ་…

འཕྲོ་མཐུད།

གློག་རིག་ཡོངས་འབྲེལ་ཐོག་ལས་ འཛམ་གླིང་ལྷོ་ཕྱོགས་ཀྱི་ དབུ་ཁྲིད་ཞལ་འཛོམས།

སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ འཛམ་གླིང་ལྷོ་ཕྱོགས་ཀྱི་ དབུ་ཁྲིད་ཞལ་འཛོམས་ ཐེངས་ ༢ པ་དེ་ གློག་རིག་ཡོངས་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།ཞལ་འཛོམས་དེ་ནང་ རྒྱ་གར་གཞུང་གིས་ ཞུ་བ་འབདཝ་བཞིན་དུ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ ཆོས་རྒྱལ་དར་མགོ་རིག་འཛིན་གྱིས་ གྲལ་གཏོགས་མཛད་ཡོདཔ་ད་ ཞལ་འཛོམས་དེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་གི་ ཁྲི་འཛིན་འོག་ལུ་…

འཕྲོ་མཐུད།

ཚོགས་རྒྱན་བསྐྱུར་ནི་ལུ་ ལྕོགས་གྲུབ་མེད་མི་ཚུ་གི་དོན་ལས་ དམིགས་བསལ་གྱི་ ཚོགས་རྒྱན་མཐུན་རྐྱེན་གཞི་བཙུགས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འགྲུལ་སྐྱོད་ཐོག་ལས་ ཚོགས་རྒྱན་བཙུགས་མ་ཚུགས་མི་ཚུ་གི་དོན་ལུ་ དམིགས་བསལ་གྱི་ ཚོགས་རྒྱན་མཐུན་རྐྱེན་ གཞི་བཙུགས་འབད་ནི་དེ་གིས་ སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་འདུའི་དོན་ལས་ དབང་པོ་སྐྱོན་ཅན་ཚུ་གིས་ཡང་ ཚོགས་རྒྱན་བཙུགས་ཚུགས་ནི་ཨིན་པས།དེ་ཡང་ ངོས་འཛིན་འབད་དེ་ཡོད་མི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་འབག་སྟེ་ དབང་པོ་སྐྱོན་ཅན་ཚུ་གི་ ཁྱིམ་ནང་བསྐྱལ་ནི་ཨིནམ་ད་ དམིགས་བསལ་ཚོགས་རྒྱན་དེ་ཡང་ ཉིནམ་ ༣ གྱི་ཧེ་མར་ སྤྱི་ཟླ་ ༡༡…

འཕྲོ་མཐུད།