བརྒྱུད་འཕྲིན་: ༣༣༣༡༨༣ འགྲེམ་སྒྲོམ་ཨང་: ༣༤༣ ཐིམ་ཕུ།

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ སྤུངས་ཐིམ་གཞུང་གྲྭ་ཚང་ནང་ ཆོས་ཁྲིམས་རྣམ་ ༣ གསར་བསྐོས།

རང་ཟླ་ ༡༢ པའི་ཚེས་ ༡ ལུ་ སྔར་སྲོལ་འབུལ་བའི་ ལོ་གསར་དང་འབྲེལ་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ གཞུང་གྲྭ་ཚང་གེ་རའི་ནང་ ལོ་བསྟར་བཞིན་དུ་ སྐུ་དྲུང་ཚུ་ གསར་བསྐོས་གནང་སྲོལ་ཡོདཔ་ཨིན་པས།དེ་འབདཝ་ལས་ སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ སྤུངས་ཐིམ་གཞུང་གྲྭ་ཚང་ལྟེ་བའི་ནང་ ཆོས་ཁྲིམས་རྣམ་གསུམ་ཟེར་ སྐུ་དྲུང་ ༣ གསར་བསྐོས་ཐོག་ལུ་ བཀྲིས་ཁ་དར་གནང་ནུག།དེ་ཡང་ སྤུ་ན་ཁ་ཆ་འོག་ སྟོདཔ་བོད་སྒར་ནང་ལས་ སྐྱེས་ལོ་…

འཕྲོ་མཐུད།

མི་རྗེ་བློན་ཆེན་མཆོག་གིས་ ཡུ་རོབ་མཐུན་ཚོགས་ཀྱིས་ རྒྱབ་སྐྱོར་འབད་མི་ལུ་ བཀའ་དྲིན་དགའ་ཚོར།

སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ ཡུ་རོ་པིན་ སྤྱི་ཚོགས་ཀྱི་ འཐུས་མི་དང་ ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་དང་ མཐུན་འབྲེལ་གྱི་ འཐུས་མི་སྡེ་ཚན་གྱི་ཁྲི་འཛིན་ སར་བན་-ཌི་མི་ཊི་རི་དང་གཅིག་ཁར་ མཇལ་ཕྲད་མཛད་ནུག།དེ་བསྒང་ མི་རྗེ་བློན་ཆེན་གྱིས་ ཡུ་རོབ་མཐུན་ཚོགས་ཀྱིས་ འགྱུར་བ་མེད་པའི་ རྒྱབ་སྐྱོར་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ སྤྱི་ལོ་ ༢༠༢༧ ལུ་ མཇུག་བསྡུ་ནི་ཨིན་མི་ གྲོགས་རམ་དང་…

འཕྲོ་མཐུད།

ནུབ་ཕྱོགས་རྫོང་ཁག་ ཆུ་ཁ་དང་ སྤ་རོ་ ཧཱ་ ༣ གྱི་ ནགས་ཚལ་ནང་མེ་རྐྱེན།

པདྨ་བཟངམོ། སྤྱི་ཟླ་ ༡ པའི་ཚེས་ ༢༣ ལུ་ ནུབ་ཕྱོགས་རྫོང་ཁག་ ༣ གྱི་ ས་གནས་ཁག་ ༣ གྱི་ ནགས་ཚལ་ཚུ་ནང་ མེ་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ ཆུ་ཁ་འདམ་ཆུ་དང་ ཧཱ་དཀར་ཚོགས་ སྤ་རོ་གནས་ཕུག་ཚུ་ནང་ བྱུང་ཡོདཔ་ཨིན་པས།འདམ་ཆུའི་མེ་རྐྱེན་ནང་ རང་ལུགས་ཀྱི་སྡོད་ཁྱིམ་ ༤ དང་ སྦ་སྒོར་ ༣…

འཕྲོ་མཐུད།

སྣུམ་འཁོར་ཚོང་སྡེ་ཚུ་ སྔོ་ལྗང་གི་ཁྲལ་ ལོག་སྤྲོད་ནི་ལུ་ མགུ་འཐོམ་དགོཔ་བྱུང་ཡོདཔ།

ཚེ་རིང་ལྷ་མོ། སྤྱི་ཟླ་ ༡ པའི་ཚེས་ ༡༧ ལུ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ ༡༡ གིས་ སྣུམ་འཁོར་གྱི་ ཤུགས་ཚད་དང་བསྟུན་པའི་ སྔོ་ལྗང་གི་ཁྲལ་ འཐེབ་ལེན་མི་ཚུ་ ལོག་སྤྲོད་དགོཔ་སྦེ་ གསལ་བསྒྲགས་འབད་ཡོད་རུང་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་ དེ་སྦེ་ ལོག་སྤྲོད་ནི་ལུ་ མགུ་འཐོམ་དགོཔ་ བྱུང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ལོ་ ༡༠༡༩…

འཕྲོ་མཐུད།

ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་ རྒྱལ་ཁབ་ཀྱི་ བསྟན་སྤྱིའི་སྐུ་རིམ་ རྒྱ་ནག་སྤྱི་མདོས།

གནམ་ལོ་ཤིང་མོ་སྦྲུལ་ལོ་ཟླཝ་ ༡༡ པའི་ཚེས་ ༢༥ སྤྱི་ཟླ་ ༡ པའི་ཚེས་ ༢༤ ལས་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་ རྒྱལ་ཁབ་ཀྱི་སྐུ་རིམ་ རྒྱ་ནག་སྤྱི་མདོས་གནང་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ གཞུང་གྲྭ་ཚང་གི་ སློབ་དཔོན་བཞི་དང་ བླམ་ཚུ་ སྐོར་རྒྱབ་ཐོག་ལུ་ དབུ་བཞུགས་མཛད་དེ་ དགེ་སློང་ཞལ་གྲངས་ ༧༥ དེ་ཅིག་གིས་ གནངམ་ཨིན་པས།དེ་བཟུམ་མའི་…

འཕྲོ་མཐུད།

འཛམ་གླིང་དཔལ་འབྱོར་གྲོས་འཛོམས་ནང་ མི་རྗེ་བློན་ཆེན་གྱིས་གྲལ་གཏོགས།

སྤྱི་ཟླ་ ༡ པའི་ཚེས་ ༢༢ ལུ་ འཛམ་གླིང་དཔལ་འབྱོར་གྲོས་འཛོམས་ ཌ་ཝོཛ་ ༢༠༢༥ ནང་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ མ་འོངས་ཡུན་བརྟན་བཟོ་ཐབས་ལུ་ འབྲུག་གིས་ བརྩོན་ཤུགས་བསྐྱེད་པའི་སྐོར་ལས་ གསལ་བཤད་གནང་ཡོདཔ་ད་ གྲོས་འཛོམས་དེ་ནང་ གྲལ་གཏོགས་འབད་མི་ཚུ་གིས་ ཀོབ་ ༢༩ ལུ་…

འཕྲོ་མཐུད།

མི་རྗེ་བློན་ཆེན་མཆོག་གིས་ ཡུ་རོབ་ལུ་ གཞུང་འབྲེལ་གཟིགས་སྐོར།

ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡ པའི་ཚེས་ ༡༨ ལུ་ སྤྱི་ཟླ་ ༢ པའི་ཚེས་ ༡ ཚུན་ མི་རྗེ་བློན་ཆེན་མཆོག་ ཡུ་རོབ་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་པར་ བྱོན་ཡོདཔ་སྦེ་ཨིན་པས།དེ་ཡང་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ སུ་ཡིད་ཟར་ལེན་ ཌ་ཝོཛ་ལུ་ འཚོགས་གནང་ནི་ཨིན་མི་ འཛམ་གླིང་དཔལ་འབྱོར་གྲོས་གནས་ཀྱི་…

འཕྲོ་མཐུད།

རྒྱལ་ཁབ་ནང་ སྣུམ་འཁོར་འབྲེལ་འཐབ་མི་ཚུ་གིས་ སྔོ་ལྗང་གི་ཁྲལ་ འཐེབ་ལེན་ཡོད་མི་ཚུ་ ལོག་སྤྲོད་དགོ་པའི་བཀའ་རྒྱ།

འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ བསྐྱར་ཞིབ་འབད་བའི་སྐབས་ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ ༡༡ གིས་ སྣུམ་འཁོར་ཉོ་མི་ ༤,༣༤༥ ལས་ སྔོ་ལྗང་གི་ཁྲལ་ དངུལ་ཀྲམ་ས་ཡ་ ༣༠.༩ དེ་ཅིག་ འཐེབ་ལེན་ཡོདཔ་ལས་ འཕྲལ་མགྱོགས་ར་ ལོག་སྤྲོད་དགོ་པའི་ བཀའ་རྒྱ་གནང་ནུག།དེ་ཡང་ འབྲུག་ཚོང་འབྲེལ་ལས་འཛིན་དང་ སེངྒེ་ཚོང་སྡེ་ གཟིམ་སྒྲ་མོ་ཊརཛ་ གཟིམ་སྦིས་མོ་ཊརཛ་ བྷུ་ཊཱན་ཨི་སུ་ཛུ་ ཊི་སི་ཌི་མོ་ཊརཛ་…

འཕྲོ་མཐུད།

མི་རྗེ་བློན་ཆེན་མཆོག་གིས་ བསམ་རྩེ་རྒྱ་མཚོ་གླིང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་གཟིགས་སྐོར།

སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ མི་རྗེ་བློན་ཆེན་མཆོག་གིས་ བསམ་རྩེ་རྒྱ་མཚོ་གླིང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་ རྒྱལ་སྲུང་རྒྱལ་ཡོངས་ཞབས་ཏོག་ ཤོ་ཐེངས་ ༢ པའི་ནང་ གྲལ་གཏོགས་འབད་མི་ རྒྱལ་སྲུངཔ་ཚུ་དང་ མཇལ་ཕྲད་མཛད་ནུག། དེ་ཡང་ མི་རྗེ་བློན་ཆེན་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ རྒྱལ་སྲུང་ལས་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ འབྲུག་པའི་ན་གཞོན་ཚུ་གི་ གཞི་རྟེན་སྒྲིང་སྒྲིང་བཟོ་ཐབས་ལུ་ བསྒྱུར་བཅོས་ཀྱི་…

འཕྲོ་མཐུད།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཐབས་བྱུས་གསོག་འཇོག་ནང་ ངོས་ལེན་འགྲུབ་ནི་གི་ཀུན་སློང་།

སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གི་དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ཨང་གནས་བདོག་གཏད་ བིཊ་ཀོ་ཡིན་དང་ ཨེ་ཐར་ དེ་ལས་ བི་ཨེན་བི་ཟེར་མི་ཚུ་ ཁྲོམ་ཚོགས་ཀྱི་ ཐབས་བྱུས་གསོག་འཇོག་ནང་ ངོས་ལེན་འགྲུབ་ནི་གི་ ཀུན་སློང་ཡོདཔ་ཨིན་པས། དེ་ཡང་ དགེ་ལེགས་ཕུག་…

འཕྲོ་མཐུད།